༄༅། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་བུདྷཱ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷག་པའི་ཤེས་རབ་ཟབ་མོས། །ཨོཾ་མ་ཎི་པདྨེ་ཧཱུྃ། །མ་རིག་མུན༌པ་སེལ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་དྷརྨ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷག་པའི་ཏིང་ངེ་འཛིན་གྱིས། །ཨོཾ་མ་ཎི་པདྨེ་ཧཱུྃ། །རྣམ་རྟོག་འཁྲུལ་པ་འབྱིད་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་སངྒྷ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷག་པའི་ཚུལ་ཁྲིམས་གཙང་མས། །ཨོཾ་མ་ཎི་པདྨེ་ཧཱུྃ། །ཉེས་སྐྱོན་དྲི་མ་སྦྱང་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །དཔལ་ལྡན་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །དབང་བཞི་ཡོངས་སུ་བསྐུར་ཏེ། །ཨོཾ་མ་ཎི་པདྨེ་ཧཱུྃ། །སྐུ་བཞིའི༌ས་རུ༌སྐྱོལ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ༌མ༌དེ་ཝ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །རྣམ་གཉིས་དངོས་གྲུབ་སྩོལ་ཏེ། །ཨོཾ་མ་ཎི་པདྨེ་ཧཱུྃ། །དོན་གཉིས་ལྷུན་གྱིས་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་ཌཱ་ཀི་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །མངོན་མཐོའི་འགལ་རྐྱེན་སེལ་ཏེ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ངེས་ལེགས་མཐུན་རྐྱེན་སྒྲུབས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་ན་དྷི་མཁྱེན༌ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ཕྱི་ལུས་མཚན་མའི་དཀྱིལ་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ། །འགྱུར་མེད་སྤྲུལ་སྐུར་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་པཱར་ཎ༌མཁྱེན༌ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ནང་ངག་ཀུན་གྱི་དཀྱིལ་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ། །འགག་མེད་ལོངས་སྐུར་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་བྷིན་དྷུ་མཁྱེན༌ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །གསང་ཡིད་དོན་གྱི་དཀྱིལ་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ། །རྟོག་མེད་ཆོས་སྐུར་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་ཡང་ཏིག་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །གསང་གསུམ་དབྱིངས་ཀྱི་རང་བབས། །ཨོཾ་མ་ཎི་པདྨེ་ཧཱུྃ། །ཡེ་བབས་སོར་བཞག་འགྲུབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ། ཞེས་པའང་དུས་མཐའི་རིག་འཛིན་སྐར་མས། རང་ལོ་བཞི་བཅུ་སོན་པའི་ཆུ་ཡོས་ཁྲུམས་སྟོད་ཟླ་བའི་ཉེར་ལྔ་ཉིན་མོར། མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མ་དང་། རྒྱལ་སྲས་ཀུན་འདུས་ཀྱི་ཐུ་བོ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དབྱེར་མེད་པ་ལ། ཡི་གེ་དྲུག་མ་སྐོར་གྲངས་བཞི་བཅུས་གསོལ་བ་འདེབས་པའི་ཚུལ་དུ། ཀུ་ཤུ་ཆེན་པོའི་གྲོང་བརྡལ་དུ། གདན་གསུམ་ལྷ་ཚོགས་མཆོད་པའི་ཞོགས་ཀར་གང་དྲན་ཡི་གེར་བཏབ་ཅིང་། སླར་ཡང་ལེགས་པར་བཅོས་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག ། ཨེ་མ༑ དཔྱིད་ཀྱི་བུ་མོས་ལེན་པའི་གླུ་དབྱངས་བཞིན། །ཐུགས་རྗེ་ཆེན་པོའི་གསོལ་འདེབས་འདི་འཇེབས་པས། །བཅུད་འཛིན་ཡིད་དགར་རྩེད་དགས་རོལ་བ་ལྟར། །དད་ལྡན་སྙིང་ལ་བྱིན་རླབས་འཕོ་བར་ཤོག །

ཟིན༌ཐོ༑ ན་དྷི་ནི་རྩ། པཱར་ཎ་ནི་རླུང་། བྷིན་དྷུ་ནི་ཐིག་ལེའོ། ཕྱི་ལུས་མཚན་མ། ནང་ངག་ཀུན་རྫོབ་བྱང་སེམས། གསང་ཡིད་དོན་དམ་བྱང་སེམས།